སྤྱི་ཚོགས་ཞབས་ཞུ།

༡༽ (གཞིས་སྤོས་དང་རྒྱལ་ཁོངས་སུ་འཇུག་པའི་)འགེངས་ཤོག་ཁག་བསྐང་གི་ཡོད།
ནིའུ་ཡོག་བོད་པའི་ཞབས་ཞུ་ཁང་གིས་ཨ་རིའི་མི་སེར་གྱི་ཐོབ་ཐང་ལེན་མཁན་དང་གནས་སྡོད་བྱེད་མཁན་དག་ལ་ཉེར་མཁོའི་འགེངས་ཤོག་ཁག་ཆ་ཚང་གོ་རྟོགས་ཐུབ་པའི་སྒོ་ནས་ཞིབ་ཚགས་ཀྱིས་རོགས་རམ་མཐིལ་ཕྱིན་གནང་གི་ཡོད། གཞན་ཡང་ང་ཚོར་འབྲེལ་བ་གནང་མཁན་ཚོར་འོས་འཚམས་ཀྱི་ལས་ཀ་འཚོལ་བའི་འགེངས་ཤོག་དང་། (ཨ་རིའི་མི་སེར་ཐོབ་ཐང་གི་འགེངས་ཤོག་ཨང་N-400དང་།) (ཨ་རིར་གནས་སྡོད་བྱང་བུ་ལྗང་ཁུའི་འགེངས་ཤོག་ཨང་I-145) (ནང་མི་ཟླ་སྒྲིལ་ལམ་གཞིས་སྤོར་གྱི་འགེངས་ཤོག་ཨང་I-135) (ལས་ཀའི་ཆོག་མཆན་འགེངས་ཤོག་ཨང་I-765) (འགྲིམ་འགྲུལ་ཡིག་ཆའི་འགེངས་ཤོག་ཨང་I-131)སོགས་ཆད་ལྷག་མ་ཤོར་བར་ཁ་སྐོང་གི་ཡོད།

༢༽ ཡིག་སྒྱུར་དང་། སྐད་སྒྱུར།
འདི་ག་བོད་པའི་ཞབས་ཞུ་ཁང་ནས་གཤམ་གྱི་སྐད་ཡིག་ཁག་ལ་ཡིག་སྒྱུར་གྱི་མཐུན་རྐྱེན་སྦྱོར་བཞིན་ཡོད། དབྱིན་སྐད། བལ་སྐད། རྒྱ་སྐད། བོད་སྐད་སོགས་ཡིག་ཆ་ཁག་ཏུ་གོ་བདེའི་ཡིག་སྒྱུར་གང་ལེགས་ཞུ་གི་ཡོད། གཞན་ཡང་སྨན་ཁང་གི་གནས་བབ་ཡིག་ཆ་དང་། ཁ་པར་གྱི་ལམ་ནས་དྲི་རྩད། ཚོགས་འདུ་སོགས་ཚུད་པའི་ཚད་གཞི་ཡོད་པའི་རིགས་གང་ཡོད་ཡིག་སྒྱུར་བྱེད་པའི་མཐུན་རྐྱེན་ཡོད། དེ་བས་སྐད་སྒྱུར་དང་འབྲེལ་བའི་ལས་ཀ་ཡོད་རིགས་སུ་ཡིན་ཡང་ང་ཚོ་ཐད་ཀར་འབྲེལ་བ་གནང་རོགས་ཞུ།

༣༽ སྤྱི་ཚོགས་ཀྱི་བདེ་སྡུག་དང་། ཁེ་ཕན་ཞུ་ཕྱོགས།
འདི་ག་བོད་ཀྱི་ཞབས་ཞུ་ཁང་ནས། ཨ་རིའི་སྲིད་གཞུང་དང་། མངའ་སྡེ་གཞུང་། འཆར་འགོད་ལྷན་ཚོགས་སོགས་སུ་མཐུན་འགྱུར་རོགས་རམ་ཞུ་མཁན་ཚོར་འགེངས་ཤོག་ཁག་གོ་རྟོགས་ཡོད་པའི་ཐོག་ནས་ཆ་ཚང་བ་དང་ཞིབ་ནན་གྱི་རོགས་འདེགས་ཞུ་བཞིན་ཡོད། གཞན་ཡང་གནས་སྤོར་མཁན་ཚོར་སྨན་བཅོས་དང་། ཁང་གླ། ཟས་དོད། ཡོ་ཆས་སོགས་དགོས་མཁོའི་འགེངས་ཤོག་ཁག་ཀྱང་དུས་ལྟར་བསྐངས་ཏེ་རོགས་རམ་ཐོབ་ཐབས་གནང་གི་ཡོད། དེ་བས་ཚུལ་མཐུན་གྱི་ཞབས་ཞུ་མཁོ་བའི་རིགས་སུ་ཡོད་ཀྱི་འབྲེལ་བ་གནང་ན་ཆོག

༤༽ཕ་མའི་ཟབ་སྦྱོང་།
ནིའུ་ཡོག་བོད་པའི་ཞབས་ཞུ་ཁང་ནས།་(ང་དང་ཨ་མ་)ཞེས་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་ཕྲུ་གུའི་ཕ་མ་ཚོར་ཟབ་སྦྱོང་དང་ཆོགས་འདུ་སོགས་གོ་སྒྲིག་ཞུ་གི་ཡོད། ཕྲུ་གུ་ཆུང་ཆུང་ཚོའི་ཕ་མ་ཚོར་ཀུན་སྤྱོད་གཅེས་འཛིན་གྱི་འཛིན་གྲྭ་དང་། ལོ་ན་བཅུ་གྲངས་བརྒལ་བའི་བྱིས་པ་བྲ་ཚག་ཁག་གི་ཕ་མ་ཚོར་རིག་གནས་དང་འབྲེལ་ལམ་ལ་དོགས་ཟོན་བྱེད་སྟངས་ཀྱི་ཟབ་སྦྱོང་སོགས་སྤྲད་དེ་ནང་མིའི་དངངས་འཚབ་སེལ་ཐབས་བྱེད་བཞིན་ཡོད།

༥༽ ལས་རིགས་འཚོལ་བའི་རོགས་རམ།
ནིའུ་ཡོག་བོད་པའི་ཞབས་ཞུ་ཁང་གིས་ལས་རིགས་འཚོལ་བའི་སྙན་ཞུའི་གྲ་སྒྲིག་སོགས་ལ་རོགས་རམ་བྱེད་ཐུབ་གི་ཡོད། ས་གནས་ཀྱི་ཞབས་ཞུའི་ལས་རིགས་ཁག་ལ་དམིགས་བསལ་གྱིས་སྦྱོང་བརྡར་སྤྲད་དེ་བཅར་འདྲི་བྱེད་པར་ལམ་སྟོན་དང་སྦྱོར་བརྡར་སྤྲོད་རྒྱུ། ཚོང་ཤག་དང་ས་གནས་ཀྱི་ཚོགས་སྡེ་འབྲེལ་འདྲིས་བྱས་ཏེ། ལག་ཤེས་ཡོད་པའི་ལས་ཀ་བྱེད་མཁན་ཚོར་སོ་སོའི་དགོས་པའི་ལས་རིགས་དང་འཚམས་པའི་ལས་ཀ་གང་ལེགས་དང་། གདམ་ག་ཡོད་པའི་ལས་རིགས་འཚོལ་ཐུབ་བྱས་ཏེ་མི་ཚེའི་མདུན་ལམ་བསྐྲུན་རྒྱུ།

༦༽ འཕྲོད་བསྟེན་དང་བདེ་འཇགས་ཀྱི་སྦྱོང་བརྡར།
ཚོགས་པ་ཁག་གི་ཚོགས་མི་ཚང་མར་ཉེན་འགོག་དང་འཕྲོད་སྟེན་གྱི་ཆེད་དུ་དམིགས་བསལ་གྱི་སྦྱོང་བརྡར་དང་ཟབ་སྦྱོང་སྤྲོད་བཞིན་ཡོད། དེང་དུས་ཀྱི་ཨ་རིའི་སྲུང་སྐྱོང་དང་རིག་གཞུང་གི་ལམ་སྟོན་བཟང་པོ་བརྒྱུད་ནས།་ཛ་དྲག་གི་མེ་སྐྱོན་སྔོན་འགོག་དང་། ནང་གི་བརྟན་ལྷིང་། བྱིས་པའི་བདེ་ཐང་སོགས་ཀྱི་ཆེད་ཟབ་སྦྱོང་གི་མཐུན་རྐྱེན་སྤྲོད་བཞིན་ཡོད།